拉萨一男子醉驾冲断水泥护栏,坠入河床!ར་བཟི་མཆོང་རྒྱག
7月26日凌晨3时许,驾驶员曹某驾驶一辆轻型普通货车,沿太阳岛中央大道向仙足岛行驶,行驶至太阳岛路与环岛南路交叉口桥头时,自己撞上桥边防护栏连车带人一同冲出路面坠入河床。
(现场监控视频)
ས་ཡུལ་དངོས་ཀྱི་བརྙན་ཐུང་།
拉萨市公安局城关公安分局两岛派出所社区一分队中和国际城便民警务站民警立即赶到现场,发现为车辆单方肇事,是从桥上掉下来的,车体变形严重。
随后,在救援过程中,民警发现驾驶员身上散发着浓烈的酒气,并且表现出明显的饮酒状态,有重大饮酒驾驶嫌疑,随即民警和周围群众将其从车内慢慢拉出,并上报指挥中心通知有关部门,前来做进一步调查。所幸的是,驾驶员曹某只是身上几处擦伤外,生命体征正常。
拉萨市公安局交警支队古城大队到达现场后,再次确认了驾驶员曹某身体状况无大碍后在事故现场开展了调查取证工作,同时对曹某进行了酒精测试,测出呼气式酒精含量检测为177mg/100ml和116mg/100ml,达到了醉酒驾驶机动车的标准。目前,古城大队正在对该事故进行进一步处理。
སྤྱི་ཟླ་༧ཚེས་༢༦ཉིན་གྱི་ཐོ་རེངས་ཆུ་ཚོད་༣པའི་གཡས་གཡོན་དུ། ཁ་ལོ་བ་ཛའོ་ཆེ་ག་གེ་མོས་ཟོག་འདྲེན་རླངས་འཁོར་ཡང་གྲས་ཞིག་བཏང་ནས་ཉི་འོད་གླིང་ཕྲན་ལྟེ་བའི་ལམ་ཆེན་ནས་ལྷ་ཞབས་གླིང་ཕྲན་གྱི་ཁ་ཕྱོགས་སུ་བསྐྱོད་ཡོད་པ་དང་། རླངས་འཁོར་ཉི་འོད་གླིང་ཕྲན་དང་གླིང་ཕྲན་སྐོར་ལམ་གྱི་ལྷོ་ལམ་གྱི་བཞི་མདོ་ཁར་སླེབས་དུས། ཟམ་པའི་འགྲམ་གྱི་བདེ་སྲུང་སྒྲོམ་སྐྱོར་ལ་བརྡུངས་ནས་རང་ཉིད་རླངས་འཁོར་དང་མཉམ་དུ་ཟམ་པའི་འོག་ཏུ་ལྷུང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་གླིང་ཕྲན་གཉིས་མངགས་གཏོང་ཁང་སྡེ་ཁུལ་ཡན་ལག་རུ་ཁག་དང་པོའི་ཀྲུང་ཧའེ་རྒྱལ་སྤྱིའི་གྲོང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ་འཕྲལ་མར་ས་ཡུལ་དངོས་སུ་སླེབས་ཡོད་པ་དང་། ཕྱོགས་རྐྱང་པའི་ལས་འཛོལ་དང་རླངས་འཁོར་ཟམ་པའི་སྟེང་ནས་ལྷུང་བ། དེ་བཞིན་རླངས་འཁོར་གྱི་བཟོ་དབྱིབས་ལ་སྒྱུར་བ་ཚབས་ཆེན་བྱུང་བ་བཅས་ཤེས་རྟོག་བྱུང་ཡོད།
དེ་རྗེས། མྱུར་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་ཉེན་རྟོག་པར་ཁ་ལོ་བའི་ལུས་སྟེང་ནས་ཆང་དྲི་ཆེན་པོ་འཐུལ་ཡོད་པ་མ་ཟད་ཆང་རག་བཏུང་བའི་རྣམ་པ་ཧ་ཅང་གིས་མངོན་གསལ་དོད་པོ་ཡོད་པ་ཤེས་ཡོད་པ་དང་དང་ཆང་རག་བཏུང་ནས་རླངས་འཁོར་བཏང་བའི་དོགས་གནད་ཆེན་པོ་བྱུང་ཡོད་པ་རེད། དེ་ནས་ཉེན་རྟོག་པ་དང་ཉེ་འཁོར་གྱི་མང་ཚོགས་ཀྱིས་ཁ་ལོ་བ་དེ་རླངས་འཁོར་ནང་ནས་ག་ལེར་བཏོན་ཡོད་པ་མ་ཟད་བཀོད་འདོམས་ལྟེ་གནས་བརྒྱུད་འབྲེལ་ཡོད་སྡེ་ཁག་ལ་བརྡ་ཐོ་བཏང་སྟེ་ཞིབ་ཕྲའི་བརྟག་དཔྱད་བྱེད་པར་ཡོང་རྒྱུར་སྙན་སེང་ཞུས་ཡོད། སྟབས་ལེགས་པར། ཁ་ལོ་བ་ཛའོ་ཆེ་ག་གེ་མོའི་གཟུགས་པོའི་སྟེང་དུ་བཤུས་རྨས་ཁ་ཤས་ཕུད་དེ་མིན་ཚེ་སྲོག་ལ་ཉེན་ཁ་གང་ཡང་མེད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གནའ་གྲོང་རུ་ཆེན་ས་ཡུལ་དངོས་སུ་སླེབས་རྗེས། སླར་ཡང་ཁ་ལོ་བ་ཛའོ་ཆེ་ག་གེ་མོའི་གཟུགས་པོའི་གནས་ཚུལ་ལ་སྐྱོན་ཆེན་པོ་མེད་པ་གཏན་འཁེལ་བྱས་རྗེས་ལས་འཛོལ་ཐོན་སའི་ས་ཡུལ་དངོས་ནས་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་ཡོད་པ་དང་། ཆབས་གཅིག་ཛའོ་ཆེ་ག་གེ་མོའི་ལུས་ཐོག་ནས་ཆང་རག་གི་ཉིང་ཁུ་ཚོད་ལེན་བྱས་ཡོད་པ་དང་དེའི་འབྲས་བུ་ནི་177mg/100mlདང་116mg/100mlཡིན་པ་ལས་ར་བཟི་ནས་རླངས་འཁོར་བཏང་བའི་ཚད་གཞིར་སླེབས་ཡོད་པ་ར་སྤྲོད་ཐུབ་ཡོད། མིག་སྔར། གནའ་གྲོང་རུ་ཆེན་གྱིས་གྱོད་གཞི་དེ་མུ་མཐུད་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན།