藏汉双语 | 关于司法厅第二批队伍教育整顿领导小组办公室受理群众举报的公告

发布时间:2021-09-02  来源: 西藏司法  

根据中央政法队伍教育整顿领导小组办公室统一安排部署,按照区党委和司法厅党委开展第二批政法队伍教育整顿的总体安排,司法厅第二批队伍教育整顿工作已全面铺开,从2021年8月16日开始至11月中旬基本结束。为畅通问题线索举报渠道,方便广大人民群众反映问题、提供线索,现面向社会公布举报方式。对举报反映的问题线索,我们将严格保密、认真核查,及时反馈查办情况。

受理电话:0891-6285721

电子邮箱:xzsftxsz@126.com

举报信箱地址:西藏自治区拉萨市城关区慈松塘中路8号(司法厅大门口、司法厅办公楼门口、司法厅干部食堂门口、监狱管理局、各监所均设有举报箱)

受理电话时间:工作日 上午9:30-12:30;下午 15:30-18:00

受理截止时间:2021年10月31日

司法厅第二批队伍教育整顿领导小组办公室主要受理全区各监所、监狱管理局、戒毒管理局、社矫局及司法厅机关各处室的全体在编在职政法干警、在编在岗工勤人员问题的来信来电。其他不属于受理范围的问题,将按照规定移交相关部门处理。

司法厅第二批队伍教育整顿领导小组办公室2021年9月2日ཁྲིམས་འཛིན་ཐིང་གི་ཐེངས་གཉིས་པའི་དཔུང་ཁག་སློབ་གསོ་དག་ཐེར་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་མང་ཚོགས་ཀྱི་ཐེར་འདོན་བྱ་རྒྱུ་བདག་སྤྲོད་བྱེད་པའི་སྤྱི་བསྒྲགས།

ཀྲུང་དབྱང་གི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་གཅིག་གྱུར་གྱི་བཀོད་བསྡོམས་འོག་དང་། ལྗོངས་ཏང་ཨུད་དང་། ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱེད་རྒྱུའི་སྤྱིའི་བཀོད་སྒྲིག་གཞིར་བཟུང། ཁྲིམས་འཛིན་ཁོངས་ཀྱི་ཐེངས་གཉིས་པའི་དཔུང་ཁག་སློབ་གསོ་དག་ཐེར་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་གྱི་ཡོད་པ་རེད། བྱེད་སྒོ་དེ་ནི་སྤྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༡༦ཉིན་ནས་འགོ་དཙུགས་ཏེ་ཟླ་༡༡པའི་ཟླ་དཀྱིལ་དུ་མཇུག་སྒྲིལ་རྒྱུ་རེད། ཐེར་འདོན་བྱ་བའི་ཁུངས་སྣེའི་ལམ་བུ་ཐད་ཀར་གཏོད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་གནས་ཚུལ་དང་། ཁུངས་སྣེ་སྙན་སེང་ཞུ་བདེ་ཡོང་བའི་ཆེད། ད་ལྟ་སྤྱི་ཚོགས་ཐོག་ཐེར་འདོན་བྱ་ཐབས་ཡོངས་གྲགས་བྱ་རྒྱུ་དང་། གནས་ཚུལ་དང་། ཁུངས་སྣེ་ཐེར་འདོན་བྱེད་པར་ང་ཚོས་གསང་བ་ནན་པོ་བྱེད་རྒྱུ་དང་། དེར་རྟོག་ཞིབ་ནན་ཏན་བྱེད་པ། དུས་ཐོག་ཏུ་བརྟག་དཔྱད་བྱས་པའི་གནས་ཚུལ་གྱི་བརྡ་ལན་སྤྲོད་པ་བཅས་བྱ་རྒྱུ་ཡིན།

བདག་སྤྲོད་བྱ་རྒྱུའི་ཁ་པར་ཨང་གྲངས་ནི། ༠༨༩༡ — ༦༢༨༥༧༢༡ ཡིན།

གློག་རྡུལ་ཡིག་སྒམ། xzsftxsz@126.com

ཐེར་འདོན་བྱེད་པའི་ཡིག་གེ་བསྐུར་ཡུལ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་ཆུས་ཚེས་གསུམ་ཐང་དཀྱིལ་ལམ་ཨང་༨ (ཁྲིམས་འཛིན་ཐིང་གི་རྒྱལ་སྒོ་དང་། ཁྲིམས་འཛིན་ཐིང་གཞུང་ལས་བྱ་སའི་ཐོག་བརྩེགས་ཁང་གི་རྒྱལ་སྒོ། ཁྲིམས་འཛིན་ཐིང་ལས་བྱེད་པའི་ཟ་ཁང་གི་རྒྱལ་སྒོ། བཙོན་ཁང་དོ་དམ་ཅུད་དང་། བཙོན་ཁང་དང་། སོའོ་ཁག་བཅས་སུ་ཐེར་འདོན་ཡིག་སྒམཡོད།)

བདག་སྤྲོད་བྱ་བའི་ཁ་པར་ལེན་པའི་དུས་ཚོད་ནི། ལས་ཀ་བྱེད་པའི་དུས་ཚོད་ཀྱི་སྔ་དྲོའི་ཆུ་ཚོད། ༩:༣༠—༡༢:༣༠ བར་དང་། ཕྱི་དྲོའི་ཆུ་ཚོད་ ༣:༣༠—༦:༠༠ཡིན།

བདག་སྤྲོད་བྱ་རྒྱ་མཇུག་སྒྲིལ་བའི་དུས་ཚོད་ནི། ༢༠༢༡ལོའི་ཟླ་༡༠པའི་ཚེས་༣༡བར་ཡིན།

ཁྲིམས་འཛིནཐིང་གི་ཐེངས་གཉིས་པའི་དཔུང་ཁག་སློབ་གསོའི་དག་ཐེར་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་གིས་བདག་སྤྲོད་བྱ་རྒྱུའི་དོན་དག་གཙོ་བོ་ནི། ལྗོངས་ཡོངས་ཀྱི་བཙོན་ཁང་ཁག་དང་སོའོ་ཁག བཙོན་ཁང་དོ་དམ་ཅུད། དུག་གཅོད་ཅུད། སྡེ་ཁུལ་གྱི་ཡོ་བསྲང་ཅུད། ཁྲིམས་འཛིན་ཐིང་གི་ཁྲུའུ་ཁག་བཅས་ཀྱི་ཚན་པའི་སྒྲིག་ཁོངས་ཀྱི་ལས་གནས་སུ་ཡོད་པའི་སྲིད་ཁྲིམས་ཀྱི་ལས་བྱེད་པ་དང་། སྒྲིག་ཁོངས་ཀྱི་ལས་གནས་སུ་ཡོད་པའི་བཟོ་པའི་གནས་ཚུལ་སྐོར་ཐེར་འདོན་བྱེད་པའི་ཡི་གེ་དང་། ཁ་པར་བཅས་ཡིན། དེ་མིན་བདག་སྤྲོད་བྱེད་ཁོངས་ཀྱི་གནས་ཚུལ་མ་ཡིན་པ་དག་ནི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ཚན་པར་ཐག་གཅོད་བྱེད་རྒྱུར་སྤྲོད་རྒྱུ་ཡིན།

ཁྲིམས་འཛིན་ཐིང་གི་ཐེངས་གཉིས་པའི་དཔུང་ཁག་སློབ་གསོ་དག་ཐེར་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་གིས།༢༠༢༡ལོའི་ཟླ་༩ཚེས་༢ཉིན།