珠穆朗玛律师事务所疫情防控期间劳动关系处理相关提示(一)

发布时间:2022-08-14  来源: 西藏司法  

      疫情防控期间法律关系处理特别提示系列


ཇོ་མོ་གླང་མ་ཁྲིམས་རྩོད་པའི་ལས་ཤག་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ངལ་རྩོལ་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་དྲན་སྐུལ། (དང་པོ་)

2022ལོའི་ཟླ་8ཚེས་8ཉིན། བོད་ལྗོངས་སུ་གློ་བུར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་དང་། ནད་དུག་འགོས་ཁྱབ་ཆེན་པོ་འགྲོ་བའི་རྒྱབ་ལྗོངས་འོག་ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་སུའང་གནས་ཚུལ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་འཕྲད་དང་འཕྲོད་མུས་རེད། བོད་ལྗོངས་ཇོ་མོ་གླང་མ་ཁྲིམས་རྩོད་པའི་ལས་ཤག་(གཤམ་དུ་ལས་ཤག་ཅེས་བསྡུ་རྒྱུ་ཡིན)གིས་2022ལོའི་ཟླ་8ཚེས་11ཉིན་ཁ་པར་བརྒྱུད་བོད་ལྗོངས་མི་སྤྱི་ཐིང་ངལ་རྩོལ་འབྲེལ་བ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་སྐྱོང་ལྗོངས་རིམ་པས་ནད་འགོག་ཚོད་འཛིན་རིང་གི་ངལ་རྩོལ་འབྲེལ་བའི་ཐད་སྲིད་ཇུས་གསར་པ་བཏོན་མེད་ཅིང་སྔར་བཞིན་2020ལོར་མི་སྤྱི་པུའུ་ཡིས་བཏོན་པའི་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་ལག་བསྟར་བྱེད་བཞིན་ཡོད་པ་རེད།  དེར་བརྟེན།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ལས་མི་བཀོལ་སྤྱོད་འབྲེལ་བ་ཐག་གཅོད་འོས་ཚམས་ཡོང་ཆེད།  ལས་ཤག་གིས་འབྲེལ་ཡོད་ངལ་རྩོལ་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཀྱི་གཏན་འབེབས་གཞིར་བཟུང་ནས་། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ངལ་རྩོལ་འབྲེལ་བ་ཐག་གཅོད་བྱེད་དུས་ཐོན་སྲིད་པའི་འབྲེལ་ཡོད་དཔེ་མཚོན་རང་བཞིན་གྱི་གནད་དོན་ལ་གཤམ་གསལ་གྱི་དྲན་སྐུལ་གྲ་སྒྲིག་བྱས་ནས་།  མི་སྤྱོད་ཚན་པ་དང་དེ་བཞིན་རྒྱ་ཆེའི་ལས་མིར་དཔྱད་གཞི་འཛིན་པར་མཁོ་འདོན་བྱས་ཡོད།

2022年08月08日,西藏自治区突发疫情。在新型冠状病毒大范围传播的背景下,劳动关系领域面临不少新情况和新问题,对此,根据西藏珠穆朗玛律师事务所(以下简称“我所”) 于2022年08月11日通过电话向自治区人社厅劳动关系处了解的情况,西藏自治区目前未出台新的政策,仍在实施2020年人社部出台的相关政策文件。为正确处理疫情防控期间的劳动用人关系,我所根据相关劳动法律、法规和规范性文件的规定,就当前疫情防控期间的劳动关系处理中可能出现的典型问题作出如下处理提示,供用人单位及广大劳动者参考。

དང་པོ་ འབྲེལ་ཡོད་སྲིད་ཇུས་ངོ་སྤྲོད་།

1. 2020ལོའི་ཟླ་1ཚེས་24ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ངལ་རྩོལ་འབྲེལ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་སྐོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་གི་བརྡ་ཐོ་(མི་སྤྱི་ཐིང་གི་གློག་འཕྲིན་གསལ་བསྒྲགས[2020] ཡིག་ཨང་5པ)》ཁྱབ་བསྒྲགས་བྱས་པ་རེད།

2. 2020ལོའི་ཟླ་2ཚེས་7ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། ཀྲུང་གོའི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་ཁེ་ལས་པའི་མཐུན་ཚོགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ངལ་རྩོལ་འབྲེལ་བ་བརྟན་པོ་ཡོང་བར་བྱས་ནས་ཁེ་ལས་ཀྱི་ལས་ཀ་སླར་གསོ་བསྐྱར་སྐྱེད་ཡོང་བར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར(མི་སྤྱི་པུའུ་ཡིས་སྤེལ་བའི[2020]ཡིག་ཨང་8པ)》ཁྱབ་བསྒྲགས་བྱས་པ་རེད།

3. 2020ལོའི་ཟླ་3ཚེས་20ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས《མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཁག་བདུན་གྱི་རིམས་ནད་དང་འབྲེལ་བ་ཡོད་པའི་ངལ་རྩོལ་འབྲེལ་བ་ཐག་གཅོད་འོས་འཚམ་བྱ་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བསམ་འཆར(མི་སྤྱི་པུའུ་ཡིས་སྤེལ་བའི[2020]ཡིག་ཨང་17པ)》ཁྱབ་བསྒྲགས་བྱས་པ་རེད།

一、相关政策介绍

1. 2020年01月24日,人力资源和社会保障部发布《人力资源社会保障部办公厅关于妥善处理新型冠状病毒感染的肺炎疫情防控期间劳动关系问题的通知(人社厅明电[2020]5号)》

2. 2020年02月07日,人力资源社会保障部、全国总工会、中国企业联合会/中国企业家协会、全国工商联发布《关于做好新型冠状病毒感染肺炎疫情防控期间稳定劳动关系支持企业复工复产的意见(人社部发[2020]8号)》

3. 2020年03月20日,人力资源和社会保障部,公安部,司法部,国家卫生健康委员会,国家信访局,中华全国总工会发布《人力资源社会保障部等七部门关于妥善处置涉疫情劳动关系有关问题的意见(人社部发[2020]17号)》

གཉིས་པ་ དཔེར་འོས་གནས་ཚུལ།

ལས་མི་ནི་ཏོག་གསར་ནད་དུག་འགོས་པའི་ནད་པ་དང་། ནད་གཞི་ཡོད་མཁན། དོགས་ཡོད་ནད་པ། ཉེ་འབྲེལ་བྱུང་བའི་མི་སྣ་བཅས་དང་དེ་བཞིན་སྲིད་གཞུང་གིས་ལོགས་བཀར་བྱེད་ཐབས་སྤྱད་པའམ་ཡང་ན་ཛ་དྲག་གི་བྱེད་ཐབས་གཞན་དག་སྤྱད་ནས་རྒྱུན་ལྡན་གྱི་ངལ་རྩོལ་མཁོ་འདོན་བྱེད་མི་ཐུབ་པའི་མི་སྣ་ཡིན་པ།

1. ངལ་རྩོལ་འབྲེལ་བ་ཐག་གཅོད་བྱེད་སྟངས་སྐོར་། [གཞི་རྩའི་ཆ་ནས་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག]

1.1 ལས་མི་ལོགས་སུ་བཀར་ནས་སྨན་བཅོས་བྱེད་རིང་ངམ་ཡང་ན་གསོ་རིག་ལྟ་ཞིབ་བྱེད་རིང་། དེ་བཞིན་སྲིད་གཞུང་གིས་ལོགས་སུ་བཀར་བའི་བྱེད་ཐབས་སྤྱོད་པའམ་ཡང་ན་ཛ་དྲག་ཆེ་བའི་བྱེད་ཐབས་གཞན་དག་སྤྱད་ནས་རྒྱུན་ལྡན་གྱི་ངལ་རྩོལ་མཁོ་འདོན་བྱེད་མི་ཐུབ་པའི་གནས་ཚུལ་འོག

1.1.1  ངལ་རྩོལ་གྱི་གན་རྒྱ་ལག་བསྟར་བྱེད་རིང་། མི་སྣ་བཀོལ་སྤྱོད་ཚན་པས་དེའི་རྐྱེན་གྱིས་ལས་མིའི་དབར་གྱི་ངལ་རྩོལ་གྱི་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག

1.1.2   ངལ་རྩོལ་གྱི་གན་རྒྱའི་དུས་བཀག་ཟིན་ན་།  ལས་མིའི་སྨན་བཅོས་བྱེད་ཡུན་ཐིམ་པ་དང་། གསོ་རིག་གི་ལྟ་ཞིབ་བྱེད་ཡུན་ཐིམ་པ། ལོགས་སུ་བཀར་ཡུན་ཐིམ་པའམ་ཡང་ན་སྲིད་གཞུང་གིས་སྤྱད་པའི་ཛ་དྲག་ཆེ་བའི་བྱེད་ཐབས་མཇུག་མ་རྫོགས་བར་དུ་ནར་འགྱངས་བྱེད་དགོས།

1.1.3  མངགས་གཏོང་བྱས་པའི་ལས་མི་ཡིན་ནའང་། ལས་མི་བཀོལ་མཁན་ཚན་པས་ཀྱང་དེའི་རྐྱེན་གྱིས་ལས་མི་མངགས་གཏོང་བྱེད་མཁན་སྡེ་ཚན་ལ་ཕྱིར་སློག་བྱེད་མི་ཆོག

1.2 རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་དེ་སྔའི་ངལ་རྩོལ་གན་རྒྱ་དངོས་འབྲེལ་ལག་བསྟར་བྱེད་ཐབས་བྲལ་བར་གྱུར་ཚེ། གནས་སྐབས་ངལ་རྩོལ་གན་རྒྱ་ལག་བསྟར་བྱེད་མཚམས་འཇོག་པའི་བྱེད་ཐབས་སྤྱོད་མི་ཆོག ཁེ་ལས་དང་ལས་མི་གྲོས་མོལ་གཅིག་མཐུན་བྱུང་ཚེ་ཁྲིམས་ལྟར་ངལ་རྩོལ་གྱི་གན་རྒྱར་འགྱུར་ལྡོག་གཏོང་ཆོག

1.3 རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་དང་ལས་མིས་ཁྲིམས་ལྟར་དུས་ཐོག་ཏུ་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་འཇོག་མི་ཐུབ་པའམ་ཡང་ན་ཡུན་འགྱངས་གན་རྒྱ་འཇོག་མི་ཐུབ་ཚེ། གྲོས་མོལ་བྱས་པ་བརྒྱུད་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་འཇོག་པའི་དུས་ཚོད་ལུགས་མཐུན་ངང་ནར་འགྱངས་བྱེད་ཆོག་ལ། ཁེ་ལས་དང་ལས་མིས་གྲོས་མོལ་གཅིག་མཐུན་བྱས་ནས་གློག་རྡུལ་གྱི་རྣམ་པའི་ཐོག་ནས་ཡིག་ཐོག་ངལ་རྩོལ་གན་རྒྱ་ཡང་འཇོག་ཆོག

二 、典型情形

员工为感染新型冠状病毒的肺炎患者、病原携带者、疑似病人、密切接触者以及因政府实施隔离措施或者采取其他紧急措施导致不能提供正常劳动者。

1.  关于劳动关系处理【原则:不得解除】

1.1  在员工隔离治疗期间或医学观察期间以及因政府实施隔离措施或采取其他紧急措施导致不能提供正常劳动的情况下:

1.1.1  劳动合同履行期间的,用人单位不得因此与职工解除劳动合同;

1.1.2  劳动合同到期的,分别顺延至职工医疗期期满、医学观察期期满、隔离期期满或者政府采取的紧急措施结束;

1.1.3  属于被派遣员工的,用工单位也不得因此将其退回劳务派遣单位;

1.2  受疫情影响导致原劳动合同确实无法履行的,不得采取暂时停止履行劳动合同的做法,企业和员工协商一致,可依法变更劳动合同;

1.3  受疫情影响企业与招用的员工不能依法及时订立或续订书面劳动合同,可通过协商合理顺延订立书面劳动合同的时间;企业与员工协商一致,可以采用电子形式订立书面劳动合同。

2. གླ་ཕོགས་སྤྲོད་རྒྱུའི་སྐོར་།

【གཞི་རྩའི་ཆ་ནས་ལས་མིའི་གླ་ཕོགས་འགན་སྲུང་བྱེད་དགོས།】

2.1  ལོགས་སུ་བཀར་བའི་མི་སྣ་ཏེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། སྨན་བཅོས་ལས་ཁུངས་སམ་ཡང་ན་སྲིད་གཞུང་གིས་ཁྲིམས་ལྟར་ཏོག་གསར་གློག་ཚད་འགོས་པའི་ནད་པ་དང་། ནད་གཞི་ཡོད་མཁན། དོགས་ཡོད་ནད་པ། ཉེ་འབྲེལ་བྱུང་བའི་མི་སྣ་སོགས་ལ་ལོགས་སུ་བཀར་བའི་བྱེད་ཐབས་སྤྱད་དེ་ལས་མིས་རྒྱུན་ལྡན་གྱི་ངལ་རྩོལ་མཁོ་འདོན་བྱེད་མི་ཐུབ་མཁན་ཚོར།

2.1.1  ལོགས་བཀར་དུས་ཡུན་ནང་། ཁེ་ལས་ཀྱིས་རྒྱུན་ལྡན་གྱི་ངལ་རྩོལ་ལྟར་ལོགས་བཀར་དུས་ཡུན་རིང་གི་ལས་མིའི་གླ་ཕོགས་སྤྲོད་དགོས།

2.1.2  ལོགས་བཀར་དུས་ཡུན་མཇུག་བསྒྲིལ་རྗེས། སྔར་བཞིན་ལས་ཀ་བྱེད་མཚམས་བཞག་ནས་སྨན་བཅོས་བྱ་དགོས་པའི་ལས་མིར་ཁེ་ལས་ཀྱིས་ལས་མིར་ནད་ཕོག་པའི་སྨན་བཅོས་དུས་ཡུན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་དེའི་གླ་ཕོགས་སྤྲོད་དགོས།

2.2   ལོགས་སུ་བཀར་བའི་བྱེད་ཐབས་སྤྱད་མེད་མོད། འོན་ཀྱང་སྲིད་གཞུང་གིས་ཛ་དྲག་ཆེ་བའི་བྱེད་ཐབས་སྤྱད་ནས་ཤུགས་རྐྱེན་ཐེབས་མཁན་ཡིན་ན། བཅའ་ཁྲིམས་ལྟར་ལོགས་སུ་བཀར་བའི་གནས་ཚུལ་གྱི་ཁོངས་སུ་མི་གཏོགས་ཀྱང་སྲིད་གཞུང་གིས་བཅའ་ཁྲིམས་ལྟར་ལས་མཚམས་འཇོག་པ་དང་། རིམས་ནད་འབྱུང་ཁུལ་བཀག་སྡོམ་བྱེད་པ་སོགས་ཛ་དྲག་ཆེ་བའི་བྱེད་ཐབས་སྤྱད་པའི་གནས་ཚུལ་གྱི་ཁོངས་སུ་གཏོགས་ཏེ། ཁེ་ལས་ཀྱི་ལས་ཀ་བསྐྱར་གསོ་ཕྱིར་འགྱངས་སམ་ལས་མི་ལས་གནས་སུ་ཕྱིར་ལོག་མི་ཐུབ་མཁན་ཚོར།

2.2.1  ཁེ་ལས་ཀྱིས་ལས་གནས་སུ་ཕྱིར་ལོག་བྱེད་མི་ཐུབ་ནའང་ཁ་པར་དང་དྲ་བ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱུན་གཏན་གྱི་ངལ་རྩོལ་མཁོ་འདོན་བྱེད་པའི་ལས་མིར་རྒྱུན་གཏན་གྱི་ཚད་གཞི་ལྟར་དེའི་གླ་ཕོགས་སྤྲོད་དགོས།

2.2.2  ཁེ་ལས་ཀྱིས་ལས་མི་བཀོད་སྒྲིག་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ་ལས་ཀ་བསྐྱར་གསོ་བྱེད་ཡུན་ཕྱིར་འགྱངས་བྱེད་རིང་གླ་ཕོགས་ཡོད་པའི་ལོ་རེའི་གུང་གསེང་དང་། ཁེ་ལས་རང་གིས་བཙུགས་པའི་ཕན་བདེའི་གུང་གསེང་སོགས་ྫུའབྲེལ་ཡོད་ཀྱི་གཏན་འབེབས་ལྟར་དེའི་གླ་ཕོགས་སྤྲོད་དགོས།

2.2.3  ཁེ་ལས་ཀྱི་ལས་ཀ་བསྐྱར་གསོ་བྱས་མེད་པའམ་ཡང་ན་ཁེ་ལས་ཀྱི་ལས་ཀ་བསྐྱར་གསོ་བྱས་ཀྱང་ལས་མི་ལས་གནས་སུ་ལོག་མེད་པ་མ་ཟད་བྱེད་ཐབས་གཞན་དག་ལ་བརྟེན་ནས་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་བྱེད་མི་ཐུབ་མཁན་ཡིན་ན། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ལས་མཚམས་བཞག་པ་དང་ཐོན་སྐྱེད་བྱེད་མཚམས་བཞག་རིང་གླ་ཕོགས་སྤྲོད་རྒྱུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལས་མི་དང་གྲོས་མོལ་བྱས་ཏེ་གླ་ཕོགས་སྤྲོད་པའི་དུས་འཁོར་གཅིག་ནང་ངལ་རྩོལ་གན་རྒྱའི་ནང་གཏན་འབེབས་བྱས་པའི་ཚད་གཞི་ལྟར་གླ་ཕོགས་སྤྲོད་དགོས་པ་དང་། གླ་ཕོགས་སྤྲོད་པའི་དུས་འཁོར་གཅིག་ལས་བརྒལ་ན། ཁེ་ལས་ཀྱིས་འཚོ་བའི་གྲོན་དངུལ་སྤྲོད་དགོས་པ་དང་། འཚོ་བའི་གྲོན་དངུལ་གྱི་ཚད་གཞི་ནི་ས་གནས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

2.  关于工资支付【原则:保障】

2.1  被采取隔离措施的

根据传染病防治法规定,由医疗机构或政府依法对新冠肺炎患者、病原携带者、疑似病人、密切接触者等实施隔离措施,导致员工不能提供正常劳动的:

2.1.1 隔离期内,企业按正常劳动支付其在隔离期间的工资;

2.1.2 隔离期结束后,对仍需停止工作进行治疗的员工,企业按照职工患病的医疗期有关规定支付其工资。

2.2  未被采取隔离措施,但受政府紧急措施影响的、对不属于被依法隔离情形但属于因政府依法采取停工停业、封锁疫区等紧急措施的情形,导致企业延迟复工或员工不能返岗的:

2.2.1  对企业安排未返岗员工通过电话、网络等方式提供正常劳动的,按正常劳动支付其工资。

2.2.2  对企业安排员工在受疫情影响延迟复工期间使用带薪年休假、企业自设福利假等各类假的,按相关假的规定支付其工资。

2.2.3  对企业未复工或者企业复工但员工未返岗且不能通过其他方式提供正常劳动的,企业参照国家关于停工停产期间工资支付相关规定与员工协商,在一个工资支付周期内的,按照劳动合同规定的标准支付工资;超过一个工资支付周期的,由企业发放生活费,生活费标准按地方有关规定执行。